Home page

 

 

ཚན་རིག་སློབ་སྦྱོང་ལས་འཆར་ལ་རྒྱབ་སྐྱོར།

སློབ་གསོའི་ཕྱོགས་དང༌། དགོས་ངེས་ཀྱི་རྒྱུ་ཆ། དཔལ་འབྱོར་བཅས་ཕྱོགས་མང་པོ་ཞིག་གི་ཐད་ནས་ཁྱེད་ཀྱིས་ཚན་རིག་སློབ་སྦྱོང་གི་ལས་འཆར་འདིར་རྒྱབ་སྐྱོར་བྱེད་ཆོག

ང་ཚོ་ནི་ཁེ་ཕན་མེད་པའི་སྤྱི་ཚོགས་ཞབས་ཞུ་གཙོ་གཉེར་བྱེད་མཁན་གྱི་སྡེ་ཚན་ཞིག་དང༌། དུས་ཡུན་རིང་པོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་སྒེར་ཡིག་ཚང་ནས་གནང་བའི་དཔལ་འབྱོར་གྱི་མ་རྩར་བརྟེན་ལས་དོན་གཉེར་བཞིན་ཡོད། མ་ཟད། ཨ་རི་མི་སེར་བྷོ་བྷི་སེ་གྷར་ནང་མིའི་ཐེབས་རྩ་ཁང་གིས་ཀྱང་དུས་ཡུན་རིང་པོར་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བས་ང་ཚོར་བཀའ་དྲིན་ཧ་ཅང་ཆེ། གལ་སྲིད་ཁྱེད་རང་ཉིད་དམ་ཡང་ན་ཁྱེད་ཀྱི་ཚོགས་པས་ངོས་ནས་ང་ཚོའི་ལས་འཆར་འདིར་དོན་སྙིང་མཐོང་ནས་ཁ་ཚ་དགོས་གཏུགས་ཀྱི་སློབ་གསོའི་བྱ་གཞག་འདིར་རོགས་སྐྱོར་གནང་འདུན་ཡོད་ཚེ་ང་ཚོར་འབྲེལ་གཏུགས་གནང་རོགས

དཔལ་འབྱོར་གྱི་རྒྱབ་སྐྱོར།


 

ཁྱེད་ཀྱིས་ང་ཚོའི་ལས་འཆར་འདིར་སྤྲོ་སྣང་འཛིན་པར་དགའ་བསུ་ཞུ་རྒྱུ་དང༌། གཤམ་གསལ་དག་ནི་ང་ཚོས་ལག་བསྟར་བྱེད་བཞིན་པའི་བྱ་གཞག་ཁག་ཅིག་གི་འགྲོ་གྲོན་ཡིན། བོད་ཀྱི་དགོན་སྡེ་ཁག་རང་ཉིད་ནས་ཚན་རིག་སློབ་གསོའི་བྱ་གཞག་ཐད་རྐང་འགན་འཁུར་མཁན་རྣམས་ལ་ཚན་རིག་གི་སློབ་སྦྱོང་ཚད་མཐོ་ཤོས་ཤིག་འཐོབ་ཐབས་སུ་ང་ཚོར་མཉམ་འབྲེལ་གནང་རོགས། ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ན་ང་ཚོར་འབྲེལ་གཏུགས་གནང་རོགས། director@ltwa.net

  • དགེ་བཤེས་ཚོར་ཚན་རིག་ངོ་སྤྲོད་ཀྱི་སློབ་ཚན། ཨ་སྒོར་༢༠༠༠ ཙམ།
  • དུས་ཚིགས་རེར་འདོན་སྤེལ་བྱེད་བཞིན་པའི་ཚན་རིག་ཚགས་པར། འདོན་ཐེངས་གཅིག་ལ་ཨ་སྒོར་༢༥༠།
  • ཚན་རིག་ཚིག་མཛོད་ཀྱི་ལས་གཞི།
  • ལོ་ཕྱེད་ཚན་རིག་དུས་དེབ་པར་སྐྲུན། འདོན་ཐེངས་རེར་ཨ་སྒོར་༥༠༠
  • ཚན་རིག་བརྩམས་ཆོས་གྲགས་ཅན་ཕབ་སྒྱུར།
  • དགེ་འདུན་པ་ཚོར་མཐོ་སློབ་ཁག་ཏུ་ཚན་རིག་སློབ་སྦྱོང་བྱ་བར་སློབ་ཡོན།
 

དགོས་ངེས་རྒྱུ་ཆའི་རྒྱབ་སྐྱོར།


ཚན་རིག་གི་སློབ་ཚན་འདི་བཞིན་དགོན་སྡེ་ཁག་གི་གཏན་འཇགས་སློབ་ཚན་གྱི་ཆ་ཤས་ཤིག་ཏུ་བཞག་ནས་ངོ་སྤྲོད་བྱ་རྒྱུར། སློབ་ཕྲུག་ཚོར་ཚོད་ལྟ་བྱེད་སའི་ཚན་རིག་བརྟག་དཔྱད་ཁང་ཞིག་དགོས་པའི་དགོས་མཁོ་དེ་ཧ་ཅང་མངོན་གསལ་དུ་འགྱུར་བཞིན་མཆིས། ང་ཚོར་མི་རིང་བར་དགོན་སྡེ་ཁག་གི་གྲྭ་པ་ཚོར་འགྲུལ་ཐག་ཉེ་ཞིང༌། དགོན་སྡེ་ཚང་མར་འབྲེལ་ལམ་བདེ་བ། གྲྭ་པ་ཚོས་ནམ་རྒྱུན་ནས་རང་རང་གི་ཚོད་ལྟ་དང་བརྟག་དཔྱད་སོགས་བྱེད་ཐུབ་ས་ཞིག་ཏུ་ཚན་རིག་གི་ལྟེ་གནས་ཁང་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད། འོན་ཀྱང༌། གནས་སྐབས་ང་ཚོས་གཞི་རྩའི་ཚོད་ལྟ་བྱེད་སྤྱད་ཀྱི་ཆེད་སྤྱོད་ཡོ་ཆས་རེ་གཉིས་འཚོལ་བསྡུད་ཀྱིས་དགོན་སྡེ་སོ་སོར་བེད་སྤྱོད་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།

གལ་སྲིད་ཁྱེད་རང་ཉིད་དམ་ཡང་ན་ཁྱེད་ཀྱི་ཚོགས་པར་ཡོ་ཆས་འཐོལ་བའམ། ཡང་ན་བེད་སྤྱོད་བཏང་ཟིན་པའི་ཡོ་ཆས་སམ་རྒྱུ་ཆ། ཚན་རིག་གི་དེབ། ཚན་རིག་བརྟག་དཔྱད་ཁང་ལ་མཁོ་བའི་ཡོ་ཆས། ཚན་རིག་སློབ་ཚན་དང་འབྲེལ་བའི་བརྙན་འཕྲིན་སོགས་ཡོད་ན་གཤམ་གསལ་གྱི་ཁ་བྱང་ཐོག་གཏོང་རོགས།director@ltwa.net

གཙུག་ལག་སློབ་གཉེར་ཁང་གི་མཉམ་འབྲེལ།


དགེ་རྒན་རྣམས་ནི་ནང་པའི་ཚན་རིག་གི་སྐུ་ཚབ་མི་སྣ་ལྟ་བུ་དང༌། སྐབས་བབ་ཀྱི་སློབ་ཚན་ལ་སྦྱངས་པ་ཕུལ་ཏུ་ཕྱིན་པ་དགོས་པར་མ་ཟད་འཛིན་གྲྭར་སློབ་ཁྲིད་བྱེད་པར་ཉམས་མྱོང་དང་རིག་སྟོབས་ངེས་པར་ལྡན་དགོས། དེ་བཞིན་དགེ་རྒན་རྣམས་ནི་རང་ཉིད་ཀྱི་འཁྲིད་གཞིའི་སློབ་ཚན་ཐད་ལ་སྦྱངས་སྟོབས་དང་ཉམས་མྱོང༌། འཛིན་གྲྭར་གཞོགས་འདེགས་ཀྱི་ནུས་པ་སོགས་ལ་གཞིགས་ནས་གདམ་གསེས་བྱ་རྒྱུ་དང༌། དེ་ཡང་ཚན་རྩལ་རིག་གནས་སྤྱི་དང་ཁྱད་པར་དུ་རང་རང་གི་འཁྲིད་གཞིའི་ཐད་ལ་ PhD ཡི་ཤེས་ཚད་ལག་འཁྱེར་ངེས་པར་ཡོད་པ་ཞིག་དགོས། འོན་ཀྱང༌། ལོ་ངོ་ཉི་ཤུ་ལྷག་ལ་ནང་ཆོས་དང་ཚན་རིག་ཐད་ལ་ཉམས་ཞིབ་གནང་མྱོང་བའི་ཚན་རིག་ཉམས་ཞིབ་པ་ཚོར་དམིགས་བསལ་གྱི་གོ་སྐབས་འབུལ་རྒྱུ་ཡིན།

All Right reserved to LTWA