ང་ཚོས་མི་རབས་གསར་པའི་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་སློབ་གསོའི་ལམ་ལུགས་སྟེ། མ་འོངས་པའི་དགེ་རྒན་དང་སློབ་ཕྲུག་ཚོའི་མཉམ་དུ་ལས་ཀ་བྱེད་བཞིན་ཡོད།
གཞི་རྩའི་ཆ་ནས་ང་ཚོའི་ཟབ་སྦྱོང་ཁག་ཏུ་ཟབ་ཞུགས་བྱེད་མཁན་རྣམས་ནི་རྒྱ་གར་ནང་དང་མཐའ་འཁོར་དུ་ཡོད་པའི་རིས་སུ་མ་ཆད་པའི་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་པ་དང་བཙུན་མ་ཡིན་པ་དང༌། དེ་དག་ལས་ཀྱང་མང་ཆེ་ཤོས་ཤིག་ནི་གཤམ་གསལ་གྱི་དགོན་སྡེ་ཁག་ནས་ཕེབས་པ་ཤ་སྟག་ཡིན། སེ་རྭ། དགའ་ལྡན། འབྲས་སྤུངས། སྨན་རི་གླིང་དགོན། ས་སྐྱ་མཐོ་སློབ། རྒྱུད་སྟོད་གྲྭ་ཚང༌། རྒྱུད་སྨད་གྲྭ་ཚང༌། བཙུན་དགོན་བྱང་ཆུབ་་ཆོས་གླིང་བཅས་ནས་ཡིན།
ཟབ་ཞུགས་པ་གྲྭ་པའམ་བཙུན་མ་རྣམས་ནི་དོ་བདག་སོ་སོ་ཁོངས་སུ་གཏོགས་པའི་དགོན་སྡེ་ཁག་གིས་གདམས་མངགས་གནང་པ་ཞིག་དང༌། ཟབ་སྦྱོང་སྐབས་སུ་ཁོང་ཚོ་ནི་རང་ཉིད་ཀྱི་དགོན་པའི་ཚབ་མཚོན་མི་སྣ་ཡིན།
ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་གི་སློབ་ཕྲུག
ཟབ་ཞུགས་པའི་གྲངས་ཚད་ནི་གདན་ས་ཁག་གི་འཛིན་གྲྭའི་གནས་རིམ་གྱིས་ཚོད་འཛིན་བྱས་ཡོད་པ་སྟེ། དགེ་ལུགས་པར་མཚོན་ན་མ་མཐའ་ཡང་ལོ་ངོ་བཅུའི་རིང་ལ་སླབོ་གཉེར་གྱིས་ཕར་ཕྱིན་དང་དབུ་མ་ཐོན་ཚར་ཡོད་པ་དང་། ཆོས་བརྒྱུད་ཁག་གཞན་ལའང་དེ་དང་མཉམ་པའི་ཤེས་ཚད་ལྡན་དགོས། ཁོང་ཚོ་ནི་སོ་སོ་རང་ཉིད་ཀྱི་དགོན་སྡེ་ཁག་ཏུ་གཏན་འཇགས་ཀྱི་ཚན་རིག་སློབ་ཚན་ཞིག་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་གྱི་གོ་སྒྲིག་འོག་ནས་མི་རིང་བར་གཏན་འབེབ་བྱ་འཆར་ཡོད་པ་དེའི་དགེ་རྒན་ནམ་སློབ་སྟོན་པའི་ཆེད་དུ་གསོ་སྐྱོང་བྱ་རྒྱུ་ཡིན། ཁོང་ཚོ་ལས་མང་པོ་ཞིག་ནི་རང་རང་གི་དགོན་སྡེ་ཁག་གི་དགེ་རྒན་ནམ་སློབ་སྟོན་པ་ཡིན་པས། ཟབ་སྦྱོང་འདི་དག་ལས་ཐོབ་པའི་ལེགས་ཆ་རྣམས་ཁོང་ཚོའི་ཉིན་རེའི་བྱ་གཞག་ཁྲོད་དུ་དགེ་ཕན་ལྡན་པ་ཙམ་དུ་མ་ཟད། དགོན་སྡེ་སོ་སོའི་འབྱུང་འགྱུར་གྱི་མི་རབས་རྣམས་ལ་རྒྱུད་སྤྲོད་ཀྱང་བྱེད་བཞིན་ཡོད།།
ཨེ་མོ་རི་སྔོན་འགྲོའི་ཚན་རིག་གི་སློབ་ཕྲུག
ལས་འཆར་འདིའི་ཟབ་ཞུགས་པ་ཚོ་ནི་དགོན་སྡེ་སོ་སོ་ནས་གདམས་གསེས་བྱ་རྒྱུ་ཡིན་མོད། འོན་ཀྱང་ཁོང་ཚོར་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན་ཕར་ཕྱིན་དང་ཡོད་པ་ཁག་དང༌། ་དབུ་མ་ཐོན་ཚར་དགོས་པ་དེ་ཡིན་ལ། ཆོས་བརྒྱུད་གཞན་དག་ཡིན་ན་དེ་དང་མཉམ་པའི་གནས་ཚད་ངེས་པར་དུ་ཡོད་དགོས། མ་ཟད། ལས་འཆར་འདིར་ཞུགས་མཁན་གྱི་གྲྭ་པ་ཚོས་ལོ་ངོ་ལྔའི་རིང་ལ་འཆར་འགོད་ཀྱིས་གཏན་འབེབས་བྱས་པའི་དུས་ཡུན་ཧྲིལ་པོའི་སློབ་ཚན་ཁག་འདི་ངེས་པར་དུ་མཐར་འཁྱོལ་པ་གནང་དགོས། སློབ་ཕྲུག་གདམ་གསེས་བྱེད་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་མི་རིང་བར་ཁྱབ་བསྒྲགས་བྱ་རྒྱུ་ཡིན།། |