Home page

 

ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་།

ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་ནི་དགེ་འདུན་པའི་ཕྱིར་ཚན་རིག་ཞེས་པའི་ང་ཚོའི་ལས་འཆར་འདིའི་ཆེས་ཐོག་མའི་མིང་དང་བྱེད་ལས་ཀྱི་ངོ་བོ་དང་མཉམ་དུ་འགྱུར་བའི་མིང་ཡིན།   ལས་གཞི་འདི་ཕྱི་ལོ་༢༠༠༠ ལོར་དངོས་སུ་འགོ་བཙུགས་པ་དང་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་གྲངས་༦༠་ལྷག་ལ་ལོ་ལྟར་ཟླ་རེའི་ཚན་རིག་ཟབ་སྦྱོང་ཞིག་ས་གནས་འདྲ་མིན་དུ་ཚུགས་པ་དང་།  ༢༠༠༠༨ ལོར་ཟབ་ཞུགས་དགེ་འདུན་པ་༦༠ ལྷག་འདིའི་ནང་ནས་མི་གྲངས་༣༣ དང་བཙུན་མ་ལྔ་བཅས་ཁྱོན་བསྡོམས་དགེ་འདུན་པ་དང་༣༨ ལ་ཚན་རིག་དགེ་འོས་སྦྱོང་བརྡར་སྤྲོད་པའི་ལས་གཞི་འདི་དངོས་སུ་འགོ་ཚུགས་པ་ཡིན།  དེར་བརྟེན།  ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་གི་མིག་སྔའི་ལས་དོན་དང་དམིགས་ཡུལ་ནི།  སློབ་གཉེར་བ་གྲངས་༣༨ འདི་ལ་ལོ་ངོ་གསུམ་ནས་ལྔའི་དབར་ཚན་རིག་སློབ་ཁྲིད་བྱ་བའི་ཐབས་ལམ་གཙོར་བཟུང་གིས་སྦྱོང་བརྡར་སྤྲོད་རྒྱུ་དང་།  མ་འོངས་པར་ཁོང་ཚོ་རང་རང་གི་གྲུབ་འབྲས་ལ་གཞིར་གཞག་གིས་གདན་ས་ཁག་ཏུ་ཚན་རིག་སློབ་ཁྲིད་བྱ་མཁན་གྱི་དགེ་རྒན་དང་།  ལས་གཞི་འདིར་རོགས་འདེགས་ཐུབ་མཁན་གྱི་མི་སྣར་སྐྱེད་བསྲིང་བྱ་རྒྱུ་དེ་ཡིན།  ལས་གཞི་འདིར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་རྣམ་ནི་ཨ་རིའི་མཐོ་སློབ་ཁག་ནས་ཆེད་ལས་མཁས་ཅན་བདམ་སྒྲུག་གིས་བྷོ་བྷི་སེ་གྷར་ནང་མིའི་ཐེབས་རྩའི་ངོས་ནས་གདན་འདྲེན་བཞིན་ཡོད།

ལས་གཞི་འདིའི་སྦྱིན་བདག་བྷོ་བྷི་སེགྷར་གྱིས་ནུབ་ཕྱོགས་ནས་ཕེབས་པའི་དགེ་རྒན་རྣམ་པའི་ལམ་གྲོན་གྱིས་མཚོན་པའི་གྲོན་དངུལ་ཁག་མུ་མཐུད་ནས་གཏོང་བཞིན་ཡོད་ལ།  ཟབ་ཞུགས་སློབ་གཉེར་བ་རྣམ་པའི་གྲོན་དངུལ་གྱིས་མཚོན་པའི་རྒྱ་གར་ནང་གི་གྲོན་དངུལ་ཚང་མ་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་ངོས་ནས་གཏོང་བཞིན་ཡོད།  
All Right reserved to LTWA