Home page

 

ཚོགས་དུས།

ཕྱི་ལོ་༢༠༠༨ སྤྱི་ཟླ་༣ ཚེས་༡༨ ནས་ཚེས་༢༠

ཚོགས་ཡུལ། བཞུགས་སྒར་བོད་ཀྱི་ དཔེ་མཛོད་ཁང་གི་ ཚོགས་ཁང་།

བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་ཚན་རིག་ཐ་སྙད་གཏན་འབེབ་ཀྱི་བགྲོ་གླེང་ འཚོགས་འདུ་ཚོགས་པ།

གོ་སྒྲིག་པ།

བོད་ཀྱི་དཔེ་མཛོད་ཁང་ དང་བོད་གཞུང་ཤེས་རིག ་ལས་ཁུངས་གཉིས་ཡིན།

ཚོགས་ཐེངས་དང་པོ།

ཚོགས་ཐེངས་གཉིས་པ།

བོད་ལ་ཕྱིའི་དཔལ་ཡོན་ནང་འདྲེན་བྱེད་པའི་ལོ་ཙྰའི་བྱ་བ་འདི་དུས་ཡུན་རིང་མོའི་སྔོན་ནས་བྱུང་ཞིང་། དམ་པའི་ཆོས་ཀྱི་བཀའ་བསྟན་གྱིས་གཙོས་པའི་གཞུང་ལུགས་གྲངས་མེད་བོད་སྐད་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་ནས་ཚང་ལ་མ་ནོར་བའི་ལོ་ཙྰའི་ གཞུང་ལུགས་ཀྱང་གཞན་ལ་སྨོན་མི་དགོས་པ་མིག་མཐོང་ལག་ཟིན་དུ་ཡོད་པ་དེ་ཡིན། དེ་ལྟར་ཡང་། བོད་བཙན་པོའི་སྲིད་དབང་སིལ་བུར་འཐོར་ བ་དང་། རིམ་བཞིན་བོད་དུ་ཡུལ་དུས་ཀྱི་འཕོ་འགྱུར་སྣ་ཚོགས་པ་ཞིག་བྱུང་བའི་བརྒྱུད་རིམ་ཁྲོད་ནས་གནའ་བོའི་བོད་ཀྱི་ལོ་ཙྰའི་ལུགས་བཟང་མང་ པོ་ཞིག་བརྒྱུད་འཛིན་མ་ཐུབ་པར་གྱུར་ཡོད་ལ། ལྷག་པར་དུ་ཕྱི་ལོ་༡༩༤༩ ལོ་ནས་འགོ་ཚུགས་པའི་བོད་ཡུལ་གྱི་དུས་འགྱུར་དང་། དེར་མཐུད་པའི་ རིག་གནས་གསར་བརྗེ་སོགས་ཀྱིས་གནའ་བོའི་བོད་ཀྱི་སྲོལ་བཟང་མང་པོ་ཞིག་མིང་གི་ལྷག་མར་བཏང་ཡོད།

ཉེ་བའི་དུས་འདིར་བོད་ཕྱི་ནང་གཉིས་ནས་ཕྱིའི་རིག་གསར་ནང་འདྲེན་བྱ་བའི་རླབས་ཆེན་གྱི་འགན་འཁྲི་དང་དུ་བླངས་པའི་ལོ་ཙྰ་བ་དང་ཚོཌ་སྡེ་ མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། ལོ་ཙྰ་བ་ཀུན་གྱི་དམིགས་སྒོ་གཏད་སའི་བསྒྱུར་གཞིའི་སྐད་ཡིག་དང་། བརྗོད་བྱ་སོགས་ཀྱང་སྔར་ལས་ རྣམ་པ་སྣ་ཚོགས་པར་གྱུར་བའི་དོན་དངོས་འདི་ལ་བརྟེན་ནས། ཞེ་ཕུགས་དྲོ་བའི་རྣམ་པ་འདིར་སེམས་འཚབ་དགོས་པའི་གནད་དོན་ཞིག་ཀྱང་ འབྱུང་བཞིན་པ་ནི་གཅིག་གྱུར་གྱི་ཐ་སྙད་ཅིག་གཏན་ལ་ཕབ་མ་ཐུབ་པར་ཡོད་པ་འདི་ཡིན།

གནད་དོན་འདིའི་ཐད་ལ་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཀྱང་ཐ་སྙད་གཏན་འབེབ་ཀྱི་ལས་གཞི་ཞིག་སྔོན་ནས་འགོ་ཚུགས་ཡོད་ཀྱང་། བར་ སྐབས་དེར་ལོ་ཙྰ་བ་ཀུན་ལ་སྟབས་བདེ་ཞིག་ཡོང་ཆེད་དུ་བོད་ཀྱི་དཔེ་མཛོད་ཁང་གི་ངོས་ནས་སྐབས་སུ་བབ་པའི་ཚན་རིག་ཆེད་སྤྱོད་ཐ་སྙད་གཏན་ འབེབས་ཀྱི་བགྲོ་གླེང་ཚོགས་འདུ་འདི་འདྲ་ཞིག་གོ་སྒྲིག་ཐུབ་པར་ཡིད་སེམས་རབ་ཏུ་སྤྲོ།

བགྲོ་གླེང་འདི་གོ་སྒྲིག་བྱས་པའི་བརྒྱུད་རིམ་ཁྲོད་ནས་ང་ཚོས་གཙོ་བོ་བོད་ཕྱི་ནང་གཉིས་ནས་པར་སྐྲུན་བྱས་པའི་ཚིག་མཛོད་མང་དག་ཅིག་ལ་རྩ་འཛིན་དང་། དེ་དག་དང་མཐུན་ཅི་ཐུབ་བྱ་རྒྱུ་དེ་རྩ་བའི་ལངས་ཕྱོགས་སུ་བཟུང་བ་ཡིན་ལ། དེ་ལྟར་བྱས་པའི་དམིགས་ཡུལ་ནི་ང་ཚོར་ཐུན་མོང་དུ་སྤྱོད་པའི་གཅིག་གྱུར་གྱི་ཐ་སྙད་ཅིག་འབྱུང་ཐབས་དེ་ཡིན།

བགྲོ་གླེང་ཚོགས་འདུ་འདིར་གཙོ་བོ་བྱེས་སུ་ཡོད་པའི་ལོ་ཙྰ་བ་ཆེན་པོ་དག་དང་། ཆེད་ལས་ལོ་ཙྰའི་བྱ་བ་གཉེར་བཞིན་པའི་གཞོན་སྐྱེས། དེ་བཞིན་ བོད་སྐད་ཡིག་རིག་གནས་ལ་མཁྱེན་ཡོན་ལྡན་པའི་མཁས་པ་དང་། བོད་གཞུང་སྨན་རྩིས་མཐོ་སློབ་ཀྱི་སྨན་པ། ཚན་རིག་དགེ་རྒན་སོགས་ཕྱོགས་ཀུན་ ནས་ཆ་ཚང་བའི་བགྲོ་གླེང་པ་མང་པོ་ཞིག་འདུ་འཛོམས་བྱུང་ཡོད།

ང་ཚོས་འདི་གར་གཏན་འབེབ་གང་བྱུང་བ་རྣམས་ནི་ཉིན་རེའི་བྱ་བའི་ཁྲོད་དུ་འབྱུང་མང་ཤོས་རྣམས་ཡིན། འདིར་ཐག་གཅོད་གཏན་འབེབ་བྱུང་རྣམས། ཕྱིས་སུ་ལག་ལེན་དངོས་ཀྱི་ཚོད་ལྟའི་ཁྲོད་ནས་ཁུངས་སྐྱེལ་ར་སྤྲོད་ཇི་འབྱུང་བཞིན་དུ་བསྐྱར་ཞིབ་དང་། དག་བཅོས་གནང་བར་དགའ་བསུ་ཡོད་པ་མ་ཟད། ལས་དོན་འདིར་ཐུགས་སྣང་དང་མཁྱེན་རྒྱ་ཡངས་མཁན་ཚོར་དེ་ལྟར་གནང་རྒྱུར་འབོད་སྐུལ་དང་རེ་བ་ཡང་བྱེད་བཞིན་ཡོད་དོ། །

འདིའི་ཐད་ལ་དགོངས་འཆར་ཡོད་ན་ང་ཚོར་ཐད་ཀར་གནང་རོགས། directior@ltwa.net / tsjournal@ltwa.net

All Right reserved to LTWA