བོད་ཀྱི་དཔེ་མཛོད་དང་ཨེ་མོ་རིའི་ཚན་རིག་ལས་རིམ།
ལས་འཆར་འདི་ནི་ཕྱི་ལོ་༢༠༠༦ ལོའི་དགུན་ཁ་ནས་འགོ་ཚུགས་པ་ཞིག་ཡིན་ལ། ཕྱི་ལོ་༢༠༠༨ ལོིའི་ཟླ་༥ ནང་ཟབ་སྦྱོང་ཐོག་མ་དེ་དངོས་སུ་འགོ་ཚུགས། ལས་གཞི་འདིའི་སྐབས་དང་པོའི་ཚན་རིག་ཟབ་སྦྱོང་གི་སློབ་དེབ་ཀྱང་བོད་དབྱིན་ཤན་སྦྱར་དུ་དངོས་སུ་པར་སྐྲུན་དང་ཟབ་སྦྱོང་དང་པོའི་སྐབས་སུ་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་བྱས་ཡོད།
ལས་གཞི་འདིར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་རྣམ་ནི་ཨེ་མོ་རིའི་མཐོ་སློབ་ཀྱི་ཚན་རིག་ཚན་ཁག་གི་དགེ་རྒན་ཤ་སྟག་ཡིན་ལ། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་ངོས་ནས་ཡིག་སྒྱུར་དང་སྐད་སྒྱུར་སོགས་ཀྱིས་མཚོན་པའི་ལས་དོན་མཐའ་དག་སྒྲུབ་ཀྱིན་ཡོད།
|