Home page

 

 
ལས་བྱེད།
tdot

དགེ་བཤེས་ལྷག་རྡོར།   སྤྱི་ལོ ༡༩༥༦ ལོར་བོད་དུ་འཁྲུངས་པ་དང༌། ༡༩༦༢ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར། ༡༩༦༤ ལོར་རབ་ཏུ་བྱུང་ཞིང་དྷ་ལ་ཧའོ་སེ་ནས་གཞི་རིམ་སློབ་སྦྱོང་ཐོན། ༡༩༧༦ ལོ་ནས་༡༩༨༦ བར་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་ཞུགས་ནས་བསླབ་པ་མཐར་སོན་བྱུང་བ་དང༌། ལོ་གསུམ་རིང་ལྡི་ལི་བོད་ཁང་དུ་ཡིག་སྒྱུར་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང༌། སྤྱི་ལོ ༡༩༨༩ ལོ་ནས་བཟུང་སྐུ་སྒེར་ཡིག་ཚང་དུ་གསུངས་སྒྱུར་གྱི་ཕྱག་ལས་གནང་ནས་ྋགོང་ས་མཆོག་དང་ལྷན་དུ་ཕྱིའི་རྒྱལ་ཁབ་སུམ་ཅུ་ལྷག་ལ་ཕེབས་མྱོང༌། སྔ་ཕྱིར་པཱན་ཇབ་གཙུག་ལག་སློབ་གཉེར་ཁང་ནས་དབྱིན་ཡིག་སྟེང་  BA དང་ MA, MPhile བཅས་ཀྱི་ལག་འཁྱེར་དང༌།  སྤྱི་ལོ ༡༩༩༥ ལོར་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་དམ་བཅའ་ཐོན།  རྩོམ་སྒྲིག་དང་ཡིག་སྒྱུར་ཚན་པའི་ཕྱག་ལས་མང་པོ་གནང་བའི་ཉམས་མྱོང་ལྡན་ཞིང༌། སྤྱི་ལོ་༢༠༠༥ ལོ་ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གནང་བཞིན་པ་བཅས་སོ།།
mail: director@ltwa.net

 

རྩར་མ་བསྟན་འཛིན་བསོད་ནམས།   སྤྱི་ལོ ༡༩༧༨ ལོར་སྐྱེས། རྡ་ཤོད་བོད་ཕྲུག་ཁྱིམ་སྡེ་དང༌། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་བཅས་སུ་སློབ་གཉེར་བྱས། སྤྱི་ལོ་༡༩༩༦ ལོ་ནས་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཚན་རིག་ཐོག་ལོ་བཞིའི་མཐོ་རིམ་སློབ་གཉེར་མཐར་སོན་བྱུང༌། སྤྱི་ལོ ༢༠༠༣ ལོ་ནས་བཟུང་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་ནང་ལས་ཞུགས་བྱས་པ་དང༌།  ད་ལྟའི་བར་དགེ་འདུན་པ་ཚོར་ཚན་རིག་ཟབ་སྦྱོང་གོ་སྒྲིག་དང༌། ཚན་རིག་བོད་སྒྱུར་གྱི་ལས་འཆར་སྣ་མིན་ཞིག་སྤེལ་བཞིན་པའི་རྐང་འགན་འཁུར་བཞིན་ཡོད། དུས་མཚུངས་སུ་འདི་ནས་གསར་སྤེལ་བྱེད་བཞིན་པའི་ཟླ་གསུམ་ཚན་རིག ཚགས་པར་གྱི་རྩོམ་སྒྲིག་པའི་འགན་འཁུར་བཞིན་་པ་བཅས་སོ།།
mail: science@ltwa.net

 

སྒོ་དམར་སངས་རྒྱས་བཀྲ་ཤིས།   སྤྱི་ལོ ༡༩༨༢ ལོར་བོད་དུ་སྐྱེས་ཤིང་ས་གནས་ཀྱི་སློབ་གྲྭར་འགྲིམས། ༡༩༩༧ ལོར་རྒྱ་གར་དུ་འབྱོར་ནས་སུ་ཇ་བོད་ཕྲུག་ཁྱིམ་སྡེ་དང༌། རྡ་སྟེངབོད་ཕྲུག་ཁྱིམ་སྡེ་རུ་གཞི་རིམ་སློབ་སྦྱོང་བྱས། སློབ་གྲྭའི་རྩོམ་རིག་ཚགས་པར་གངས་ཟླའི་རྩོམ་སྒྲིག་ལས་རོགས་བྱས་མྱོང༌། ༢༠༠༦ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་གནས་རིམ་དང་པོའི་མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་བྱུང༌། སྔ་ཕྱིར ་ མཚོ་འགྲམ་གྱི་ཁང་ཆུང་ དང༌། ཚན་རྩལ་རིག་པའི་སྤྱི་བཤད་ བཅས་འགྱུར་རྩོམ་དེབ་ཕྲེང་གཉིས་འདོན་སྤེལ་བྱས།  དཔྱད་རྩོམ་དང་། བརྩམས་སྒྲུང་། སྙན་ངག་སོགས་གྲངས་ལྔ་བཅུ་བརྒལ་བ་དུས་དེབ་དང་ཚགས་པར་མང་པོར་བཀོད། ད་ལྟ་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་ཁོངས་སུ་ལས་ཞུགས་ཀྱིས་་ ཚན་རིག ཚགས་པར་གྱི་རྩོམ་སྒྲིག་ལས་རོགས་དང༌། བོད་ཀྱི་ཚན་རིག་དུས་དེབ་ ཀྱི་རྩོམ་སྒྲིག་པ་བཅས་བྱེད་བཞིན་ཡོད།།
mail: tsjournal@ltwa.net

 

 

ཀརྨ་ཐུབ་བསྟན། སྤྱི་ལོ་ ༢༠༠༢ ལོར་རྡ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་སློབ་ཐོན་བྱུང༌། ༢༠༠༦ དྲུག་ལོར་ལྡི་ལི་མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས་རྡ་ས་དཔེ་མཛོད་ཁང་དུ་ཟླ་དྲུག་རིང་འགྱུར་གྱི་ཟབ་སྦྱོང་བྱས་པ་དང་ལོ་དེའི་ཟླ་བ་བཅུ་པ་དང་ད་བར་འདི་གར་ལས་ཀ་བྱེད་མུས་ཡིན།

 

 

བསྟན་འཛིན་པད་སྒྲོན།     རྡ་ཤོད་བོད་ཁྱིམ་དང་རྡ་སྟེང་བོད་ཁྱིམ་ནས་ཚན་རིག་ཐོག་གཞི་རིམ་སློབ་བྱས་པ་དང༌། ལྡི་ལི་མཐོ་སློབ་ནས་དུད་འགྲོའི་ཚན་རིག་ཐོག་མཐོ་རིམ་སློབ་སྦྱོང་ཐོན། ད་ལྟ་བོད་ཀྱི་དཔེ་མཛོད་ཁང་དུ་བྱ་བ་གཉེར་བཞིན་ཡོད།
mail: tpaldonkinga@gmail.com

ཉི་མ་རྒྱལ་མཚན། སྤྱི་ལོ་༡༩༩༤ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཞིང་། སུ་ཇ་བོད་ཕྲུག་ཁྱིམ་སྡེ་དང་རྡ་སྟེང་བོད་ཁྱིམ་གཉིས་ནས་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་སྐྱེ་དངོས་ཚན་རིག་ཐོག་སློབ་གཉེར་བྱས། སྤྱི་ལོ་༢༠༠༣ ནས་༢༠༠༦ བར་དུ་རྒྱ་གར་ལོ་ཡོ་ལྰ་མཐོ་སློབ་ནས་སྐྱེ་དངོས་ཚན་རིག་གི་བསླབ་པ་(B.Sc)མཐར་སོན་བྱུང་། ༢༠༠༦ ནས་༢༠༠༨ བར་མྰ་རྡ་ར་སི་ཡི་ཤུ་མཐོ་སློབ་ནས་སྐྱེ་དངོས་ཚན་རིག་ཞིབ་འཇུག་གི་(M.Sc)བསླབ་པ་མཐར་སོན་བྱུང་ཞིང་། ད་ཆ་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་དུ་བྱ་བ་གཉེར་བཞིན་ཡོད།

mail: nyimgyal100@yahoo.co.in

All Right reserved to LTWA